为进一步规范行政执法行为,提升行政执法水平,优化法治化营商环境,切实维护人民群众和市场主体合法权益,根据相关法律法规和依法治县工作要求,现向社会公布我县行政执法监督投诉举报方式,欢迎广大人民群众和社会各界进行监督。
一、举报范围
公民、法人和其他组织发现本县行政执法机关及其工作人员在实施行政执法过程中,有下列情形之一的,可以通过来信、来访、来电等方式进行投诉举报。
1. 违规执法:执法人员无执法资格上岗执法;不按照法定程序、法定权限实施执法;选择性执法,对同一类违法行为处理标准不一致。
2. 趋利执法:以罚代管,只注重罚款而忽视违法行为整改;下达或变相下达罚没指标,将罚没收入与行政执法部门利益挂钩;利用执法权谋取私利等。
3. 乱收费:没有法定依据收费;擅自提高收费标准、扩大收费范围;将已取消的行政事业性收费转为经营服务性收费继续收取等。
4. 乱罚款:随意设定罚款项目;对轻微违法行为不适用首违不罚、从轻或减轻处罚规定,一律顶格罚款;以罚款代替其他行政处罚措施等。
5. 乱检查:无计划、无正当理由随意开展检查;重复检查、多头检查;利用检查刁难市场主体,谋取不正当利益等。
6. 乱查封:不符合法定条件实施查封、扣押等行政强制措施;超范围、超期限查封扣押财物;查封扣押财物保管不善造成损坏、灭失等。
二、不予受理情形
(一)没有明确的投诉对象或者投诉请求的;
(二)投诉不属于行政执法机关法定职责的;
(三)已被监察、信访或其他机关受理的;
(四)依法由公安机关、司法机关受理的刑事、民事案件;
(五)已经申请行政复议、民商事仲裁、司法程序的;
(六)对行政复议、民商事仲裁、诉讼结果不服的;
(七)其他不属于行政执法投诉受理范围的。
三、投诉举报方式
欢迎广大人民群众和市场主体对发现的违规执法、趋利执法以及“四乱”问题进行投诉举报。投诉举报应提供明确的被投诉举报对象、具体事实及相关证据材料。我们将对投诉举报人的信息严格保密,依法保护投诉举报人的合法权益。
投诉举报电话:0896-3682377
投诉举报邮箱:
shenzhasifa123@163.com
投诉举报平台:“申扎司法”微信公众号(行政执法投诉举报平台)。
投诉举报地址:西藏申扎县司法局一楼公共法律服务中心大厅(西藏申扎县申扎镇左窝库路查龙多村左边)
四、监督举报受理时间
工作日(夏季)9:30—12:30 15:30—18:30
工作日(冬季)10:00—13:00 15:30—18:30
五、监督举报须知
举报人应当遵守国家法律法规,反映问题要客观真实,对所提供材料内容的真实性负责。举报人应留下姓名及联系地址、电话,便于进一步沟通联系及反馈处理结果。对于实名举报事项,我们承诺将严格遵守工作纪律,对举报人信息绝对保密。
申扎县人民政府行政执法
协调监督办公室
2025年5月15日
གཅིགཐེར་འདོན་གྱི་ཁྱབ་ཁོངས།
སྤྱི་དམངས་དང་།ཁྲིམས་མི།རྩ་འཛུགས་གཞན་དག་བཅས་ཀྱིས་རྫོང་གི་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་སྲིད་འཛིན་གྱི་ཁྲིམས་ལྟར་ལག་བསྟར་བྱེད་པའི་རིང་གཤམ་གསལ་གྱི་གནས་ཚུལ་ལས་རིགས་ཁག་གཅིག་ཡོད་པ་ཤེས་ཚེ།འཕྲིན་ཡིག་དང་།ངོ་གཏུག་གློག་འཕྲིན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞུ་གཏུག་དང་ཐེར་འདོན་བྱས་ཆོག
1.སྒྲིག་སྲོལ་དང་འགལ་བའི་ཁྲིམས་བསྟར་བྱས་པ། ཁྲིམས་བསྟར་མི་སྣར་ཁྲིམས་ལག་བསྟར་བྱེད་པའི་ཐོབ་ཐང་མེད་པར་ལས་གནས་སུ་ཁྲིམས་བསྟར་བྱས་པ།ཁྲིམས་བཀོད་གོ་རིམ་དང་ཁྲིམས་བཀོད་དབང་ཚད་ལྟར་ཁྲིམས་བསྟར་མི་བྱེད་པ།གདམ་གསེས་རང་བཞིན་གྱི་ཁྲིམས་བསྟར་བྱས་ནས་ཁྲིམས་འགལ་བྱ་སྤྱོད་རིགས་གཅིག་པ་ཐག་གཅོད་བྱེད་པའི་ཚད་གཞི་མི་གཅིག་པ།
2.ཁེ་ཕན་གྱི་ཕྱོགས་སུ་ཁྲིམས་བསྟར་བྱས་པ།དངུལ་ཆད་ཀྱིས་དོ་དམ་གྱི་ཚབ་བྱེད་པ་དང་།དངུལ་ཆད་གཅོད་པ་ཁོ་ནར་དོ་སྣང་བྱེད་པ་ལས་ཁྲིམས་འགལ་བྱ་སྤྱོད་དག་ཐེར་ཡོ་བསྲང་བྱ་རྒྱུར་སྣང་ཆུང་བྱེད་པ།དངུལ་ཆད་བཅད་པ་དང་གཞུང་བཞེས་བཏང་བའི་དམིགས་ཚད་གཤམ་སྤྲོད་དམ་རྣམ་པ་བསྒྱུར་བའི་གཤམ་སྤྲོད་བྱས་ཏེ་དངུལ་ཆད་བཅད་པ་དང་གཞུང་བཞེས་བཏང་བའི་ཡོང་འབབ་དེ་སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་གི་ཁེ་ཕན་དང་ཟུང་འབྲེལ་བྱེད་པ།ཁྲིམས་འཛིན་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་སོགས་ཡིན།
3.གྲོན་དངུལ་གང་བྱུང་དུ་བསྡུ་བ།ཁྲིམས་བཀོད་ཀྱི་གཞི་འཛིན་ས་མེད་པར་གྲོན་དངུལ་བསྡུ་བ།རང་དགར་གྲོན་དངུལ་བསྡུ་བའི་ཚད་གཞི་མཐོ་རུ་གཏོང་བ་དང་གྲོན་དངུལ་བསྡུ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ།རྩིས་མེད་བཏང་ཟིན་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་དེ་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་དངུལ་དུ་བསྒྱུར་ནས་མུ་མཐུད་དུ་བསྡུ་བ་སོགས་ཡིན།
4.གང་བྱུང་དུ་དངུལ་ཆད་གཅོད་པ་།གང་བྱུང་དུ་དངུལ་ཆད་གཅོད་པའི་རྣམ་གྲངས་གཏན་འབེབས་བྱེད་པ་དང་།ཁྲིམས་འགལ་གྱི་བྱ་སྤྱོད་ཆུང་གྲས་ལ་ཐོག་མར་ཉེས་ཆད་མི་གཅོད་པ་དང་།ཡང་བཟོས་ཀྱི་ཉེས་ཆད་དམ་ཡང་ན་ཉེས་ཆད་བཅའ་ཡང་དུ་གཏོང་བའི་གཏན་འབེབས་སྤྱད་མི་འོས་པ་ཚང་མར་དངུལ་ཆད་ནན་པོ་གཅོད་པ།དངུལ་ཆད་ཀྱིས་སྲིད་འཛིན་གྱི་ཆད་གཅོད་བྱེད་ཐབས་གཞན་གྱི་ཚབ་བྱེད་པ་སོགས་ཡིན།
5.ཞིབ་བཤེར་གང་བྱུང་དུ་བྱེད་པ།འཆར་གཞི་མེད་པ་དང་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་རང་དགར་ཞིབ་བཤེར་བྱེད་པ་དང་།ཞིབ་བཤེར་བསྐྱར་མ་དང་སྣེ་མང་ཞིབ་བཤེར་བྱེད་པ།ཞིབ་བཤེར་ལ་བརྟེན་ནས་ཚོང་རའི་གྲུབ་ཆ་གཙོ་བོར་གནོད་པ་སྐྱེལ་བ་དང་ཚུལ་མིན་གྱི་ཁེ་ཕན་དོན་གཉེར་བྱེད་པ་སོགས་ཡིན།
6.གང་བྱུང་དུ་སྒོ་ཐེལ་རྒྱག་པ།ཁྲིམས་བཀོད་ཀྱི་ཆ་རྐྱེན་དང་མི་མཐུན་པར་སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱེད་པ་སོགས་སྲིད་འཛིན་བཙན་ཤེད་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ།ཁྱབ་ཁོངས་ལས་བརྒལ་བ་དང་དུས་བཀག་ལས་བརྒལ་ཏེ་རྒྱུ་དངོས་སྒོ་ཐེལ་བརྒྱབ་པ་དང་བཀག་ཉར་བྱེད་པ།སྒོ་ཐེལ་བརྒྱབ་པའི་རྒྱུ་དངོས་ཉར་ཚགས་ཡག་པོ་མ་བྱས་པས་ཆག་སྐྱོན་དང་རྩ་བརླག་ཏུ་སོང་བ་སོགས་ཡིན།
གཉིས།བདག་སྤྲོད་མི་བྱེད་པའི་གནས་ཚུལ།
(གཅིག)ཞུ་གཏུག་བྱ་ཡུལ་ལམ་ཞུ་གཏུག་རེ་ཞུ་ཁ་གསལ་མེད་པའི་རིགས།
(གཉིས།)ཞུ་གཏུག་དེ་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱི་ཁྲིམས་བཀོད་འགན་འཁྲིའི་ཁོངས་སུ་མི་གཏོགས་པའི་རིགས།
(གསུམ།)ལྟ་ཞིབ་དང་ཡིག་བསྐུར་ངོ་གཏུག་རམ་ཡང་ན་ལས་ཁུངས་གཞན་དག་གིས་བདག་སྤྲོད་བྱས་པའི་རིགས།
(བཞི།)ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བདག་སྤྲོད་བྱས་པའི་ཉེས་དོན་དང་དམངས་དོན་གྱོད་གཞི།
(ལྔ།)སྲིད་འཛིན་བསྐྱར་གྲོས་དང་།དམངས་དོན་དང་ཚོང་དོན་འདུམ་གཅོད།ཁྲིམས་འཛིན་གོ་རིམ་བཅས་ཀྱི་རེ་ཞུ་བྱས་ཟིན་པ།
(དྲུག)སྲིད་འཛིན་བསྐྱར་གྲོས་དང་།དམངས་དོན་དང་ཚོང་དོན་འདུམ་གཅོད།གཏུག་བཤེར་བཅས་བྱས་པའི་འཇུག་འབྲས་བློར་མ་བབས་པ།
(བདུན།)སྲིད་འཛིན་ཁྲིམས་བསྟར་གྱི་ཞུ་གཏུག་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་རིགས་གཞན་དག་བཅས་ཡིན།
གསུམ།ཞུ་གཏུག་དང་ཐེར་འདོན་བྱེད་སྟངས།
རྒྱ་ཆེའི་མི་དམངས་མང་ཚོགས་དང་ཚོང་རའི་གྲུབ་ཆ་གཙོ་བོས་ཤེས་རྟོགས་བྱུང་བའི་སྒྲིག་འགལ་ཁྲིམས་བསྟར་དང་།ཁེ་ཕན་གྱི་ཕྱོགས་སུ་ཁྲིམས་བསྟར་བྱེད་པ།དེ་བཞིན“ཟང་ཟིང་བཞི”བཅས་ཀྱི་གནད་དོན་ཞུ་གཏུག་དང་ཐེར་འདོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་སྐབས་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱ་ཡུལ་དང་།དོན་དངོས་ཞིབ་ཕྲ།དེ་བཞིན་འབྲེལ་ཡོད་དཔང་རྟགས་དཔྱད་ཡིག་བཅས་ཁ་གསལ་འདོན་སྤྲོད་བྱ་དགོས།ང་ཚོས་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཆ་འཕྲིན་གསང་བ་དམ་སྲུང་ནན་པོ་བྱས་ཏེ་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་ཡིན།
ཞུ་གཏུག་ཐེར་འདོན་ཁ་པར།0896--3382377
ཞུ་གཏུག་ཐེར་འདོན་ཡིག་སྒམ། shenzhasifa123@163.com
ཞུ་གཏུག་དང་ཐེར་འདོན་ལས་སྟེགས།“ཤན་རྩ་ཁྲིམས་འཛིན”སྐད་འཕྲིན་སྤྱི་རྟགས(སྲིད་འཛིན་ཁྲིམས་བསྟར་ཞུ་གཏུག་དང་ཐེར་འདོན་ལས་སྟེགས།)
ཞུ་གཏུག་ཐེར་འདོན་ས་གནས།བོད་ལྗོངས་ཤན་རྩ་རྫོང་ཁྲིམས་འཛིན་ཅུད་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ཚོམས་ཆེན། (ཤན་རྩ་རྫོང་ཤན་རྩ་གྲོང་གྲོང་རྡལ་བྲག་ལུང་མདོ་གྲོང་ཚོའི་གཡོན་ཕྱོགས་)
བཞི།ལྟ་སྐུལ་ཐེར་འདོན་བདག་སྤྲོད་བྱེད་པའི་དུས་ཚོད།
ལས་ཞག(དབྱར་དུས)སྔ་དྲོའི་ཆུ་ཚོད9:30-12:30བར།ཕྱི་དྲོའི་ཆུ་ཚོད15:30-18:30བར།
ལས་ཞག(དགུན་དུས)སྔ་དྲོའི་ཆུ་ཚོད10:00-13:00བར།ཕྱི་དྲོའི་ཆུ་ཚོད15:30-18:30བར།
ལྔ། ལྟ་སྐུལ་དང་ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས།
གནད་དོན་གོང་ཞུ་བྱེད་སྐབས་དོན་དངོས་དང་མཐུན་ཞིང་བདེན་པ་བདེན་ཐུབ་ཡིན་དགོས་པ་དང་།མཁོ་འདོན་བྱས་པའི་དཔྱད་གཞིའི་ཡིག་རིགས་ཀྱི་ནང་དོན་བདེན་པ་བདེན་ཐུབ་ཡིན་པར་འགན་འཁུར་དགོས།ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་རུས་མིང་དང་།འབྲེལ་གཏུག་བྱེད་གནས།ཁ་པར་བཅས་བཞག་ནས་འབྲེལ་གཏུག་དང་ཐག་གཅོད་མཇུག་འབྲས་གསལ་འགྲེལ་བྱེད་བདེ་པོ་ཡོང་བ་བྱ་དགོས། མིང་ངོ་མའི་ཐོག་ནས་ཐེར་འདོན་གོང་ཞུའི་དོན་ཚན་ཐད་ལ།ང་ཚོས་ལས་ཀའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་དང་ཐེར་འདོན་གོང་ཞུའི་ཆ་འཕྲིན་ཚང་མར་གསང་བ་དམ་སྲུང་བྱ་རྒྱུའི་ཁས་ལེན་བྱས་ཡོད།
ཤན་རྩ་རྫོང་མི་དམངས་སྲིད་གཞུང་སྲིད་འཛིན་ཁྲིམས་བསྟར།
མཐུན་སྦྱོར་ལྟ་སྐུལ་གཞུང་ལས་ཁང་།
2025ལོའི་ཟླ་5ཚེས15ཉིན།