关于全市邮政业申诉服务热线并入12345政务服务便民热线的公告
为深入贯彻落实国务院、自治区、市关于政务服务便民热线归并优化改革工作部署,进一步整合政务服务资源、畅通民生诉求渠道、规范行业诉求处置流程,全面提升我市邮政快递领域群众诉求响应质效和便民服务水平。自2026年12月31日起,那曲市邮政业申诉服务专用热线12305暨0896-3335635,将正式整合归并至12345政务服务便民热线平台。热线整合完成后,原邮政业申诉服务专线将正式停止运行,全市范围内邮政行业相关申诉、咨询、投诉等事项,统一通过12345政务服务便民热线进行反映。截至2026年12月30日前,原邮政业申诉服务热线12305暨0896-3335635仍正常提供服务,广大市民可正常拨打专线办理相关业务。现将有关事项公告如下:
一、整合实施时间
自本公告发布之日起,我市原有邮政业消费者申诉专属热线功能逐步停用。全市范围内邮政快递行业政策咨询、服务投诉、问题举报、意见建议等涉邮诉求,统一由那曲市12345政务服务便民热线集中受理、统一分流、闭环处置。
二、诉求受理范围
整合后,群众及市场主体涉及我市邮政信件、普通包裹、快递寄递、末端投递、牧区寄递保障服务等相关民生诉求,全部纳入12345热线受理范围,主要包括:
(一)快递、包裹丢失、损毁、延误、错投、漏投、投递不到位等服务质量问题申诉;
(二)快递网点、末端驿站、代收点乱收费、强制存放、拒绝上门、服务态度不规范等违规问题投诉;
(三)农特产品寄递、禁限寄物品、实名收寄、偏远乡镇投递保障等行业政策及业务咨询;
(四)邮政快递企业及从业人员侵害消费者合法权益的相关举报;
(五)优化全市邮政快递末端服务、完善牧区寄递体系、提升行业服务质量的各类意见建议,以及涉及到邮政业的其他申诉。
三、诉求反映渠道
广大市民、市场主体可通过7X24小时常态化渠道反映涉邮各类诉求:
(一)电话渠道:拨打12345政务服务便民热线,全天候接受人工受理服务;
(二)线上渠道:通过邮政业申诉服务平台;
(三)线下渠道:通过各级政务服务大厅12345,那曲市邮政管理局12305申诉中心(行业管理科)。
四、诉求办理机制
12345政务服务便民热线平台负责对全市涉邮诉求实行统一接听、统一登记、统一研判、统一派单、统一督办、统一回访。对分拣识别的邮政快递类工单,精准转派至那曲市邮政管理局依规办理。
那曲市邮政管理局严格落实接诉即办、限时办结、闭环管理、源头治理工作机制,规范工单核查、处置、反馈、整改全流程,依法依规化解群众寄递服务难题,切实维护消费者合法权益和行业公平有序的经营环境,确保事事有回音、件件有着落。
原有邮政申诉热线存量未办结工单,由那曲市邮政管理局接续跟进、办结清零,确保热线整合平稳过渡、诉求处置无缝衔接。
五、温馨提示
(一)本次热线整合为政务服务规范化、便民化改革举措,整合后诉求办理渠道更统一、流程更规范、督办更严格、群众维权更便捷。
(二)请广大群众客观真实反映问题,依法理性维权,坚决杜绝虚假投诉、恶意投诉、重复无效投诉等行为。
(三)双方单位将以热线整合为契机,强化联动协作、信息共享、联合督办机制,持续加强全市邮政快递行业监管,补齐牧区、偏远县区末端寄递服务短板,不断提升那曲邮政快递民生服务保障能力。
特此公告。
那曲市便民服务和行政审批局
那曲市邮政管理局
2026年6月23
གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་ལས་སྒོའི་རྒྱུ་མཚན་གསལ་ཞུ་ཞབས་ཞུའི་ཐད་སྦྲེལ་ཁ་པར་དེ་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ནང་བསྡུ་སྒྲིལ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་བསྡུ་སྒྲིལ་ལེགས་གཏོང་དང་བཅོས་སྒྱུར་གཏོང་རྒྱུའི་སྐོར་གྱི་གྲོང་ཁྱེར་ལས་དོན་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་གཏོང་བ་དང་སྲིད་དོན་ཞབས་ཞུའི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་ཐུབ་པ།དམངས་འཚོའི་རེ་ཞུ་ཐབས་ལམ་ཤར་གཏོང་ཐུབ་པ།ལས་རིགས་ཀྱི་རེ་ཞུ་ཐག་གཅོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ།རང་རེའི་གྲོང་ཁྱེར་གྱི་སྦྲག་སྲིད་མྱུར་སྐྱེལ་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་རེ་ཞུའི་བརྡ་ལན་སྤྲད་པའི་སྤུས་ཚད་དང་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཡོང་ཆེད་2026ལོའི་ཟླ་12ཚེས་31ཉིན་ནས་བཟུང་ནག་ཆུ་གྲོང་ཁྱེར་སྦྲག་སྲིད་ལས་སྒོའི་རྒྱུ་མཚན་གསལ་ཞུའི་ཞབས་ཞུ་ཆེད་སྤྱོད་ཐད་སྦྲེལ་ཁ་པར12305དང་།0896-3335635དེ་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ཡི་ལས་སྟེགས་ནང་དངོས་སུ་བསྡུ་སྒྲིལ་བྱ་རྒྱུ་ཡིན།ཐད་སྦྲེལ་ཁ་པར་བསྡུ་སྒྲིལ་བྱས་རྗེས།སྔ་མའི་སྦྲག་སྲིད་ལས་སྒོའི་རྒྱུ་མཚན་གསལ་ཞུ་ཞབས་ཞུའི་ཆེད་སྤྱོད་ཁ་པར་དེ་དངོས་སུ་སྤྱོད་མཚམས་འཇོག་རྒྱུ་དང་།གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་ལས་རིགས་དང་འབྲེལ་བའི་རྒྱུ་མཚན་གསལ་ཞུ་དང་།འདྲི་རྩད།གཏུག་བཤེར་སོགས་ཀྱི་དོན་ཚན་དག་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ཡི་ཐོག་ནས་རྒྱུ་མཚན་གསལ་ཞུ་བྱེད་ཆོག།
2026ལོའི་ཟླ་12ཚེས་30ཉིན་གོང་ལ་སྔ་མའི་སྦྲག་སྲིད་ལས་སྒོའི་རེ་ཞུ་ཞབས་ཞུའི་ཐད་སྦྲེལ་ཁ་པར་12305དང་0896-3335635འདི་གཉིས་ལ་རྒྱུན་ལྡན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡོད་པས།རྒྱ་ཆེའི་གྲོང་མི་རྣམ་པས་སྔར་བཞིན་ཆེད་སྤྱོད་ཁ་པར་ཐོག་ནས་འབྲེལ་ཡོད་ལས་སྒོ་བསྒྲུབ་ཆོག་ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ཏེ།
གཅིག། བསྡུ་སྒྲིལ་ལག་བསྟར་དུས་ཚོད།
སྤྱི་བསྒྲགས་འགྲེམས་སྤེལ་བྱེད་ཉིན་ནས་བཟུང་།རང་རེའི་གྲོང་ཁྱེར་གྱི་སྔར་ཡོད་སྦྲག་སྲིད་ལས་སྒོའི་འཛད་སྤྱོད་པའི་རྒྱུ་མཚན་གསལ་ཞུའི་ཆེད་གཏོགས་ཐད་སྦྲེལ་ཁ་པར་དེ་རིམ་བཞིན་མཚམས་འཇོག་རྒྱུ་ཡིན།གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་སྒོའི་སྲིད་ཇུས་སྐོར་གྱི་འདྲི་རྩད་དང་།ཞབས་ཞུའི་སྐོར་གྱི་གཏུག་བཤེར།གནད་དོན་ཐེར་འདོན།གྲོས་འགོ་དང་བསམ་འཆར་སོགས་སྦྲག་སྲིད་དང་འབྲེལ་བའི་རེ་ཞུ་བཅས་ཚང་མ་ནག་ཆུ་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ཐོག་ནས་གཅིག་གྱུར་གྱིས་བདག་སྤྲོད་དང་།གཅིག་གྱུར་གྱིས་ཁག་བགོས།བཀག་སྡོམ་ཐག་གཅོད་བཅས་བྱ་རྒྱུ་ཡིན།
གཉིས། རེ་ཞུ་བདག་སྤྲོད་ཁྱབ་ཁོངས།
བསྡུ་སྒྲིལ་བྱས་རྗེས་རང་རེའི་གྲོང་ཁྱེར་གྱི་མང་ཚོགས་དང་ཁྲོམ་རའི་བྱེད་པོ་རྣམས་དང་འབྲེལ་བ་ཡོད་པའི་སྦྲག་སྲིད་འཕྲིན་ཡིག་དང་།སྤྱིར་བཏང་གི་ཐུམ་སྒྲིལ།མྱུར་སྐྱེལ་སྐུར་སྐྱེལ།མཇུག་སྣེའི་སྐྱེལ་སྤྲོད།འབྲོག་ཁུལ་གྱི་སྐུར་སྐྱེལ་ཞབས་ཞུར་འགན་ལེན་བྱེད་པ་སོགས་ཡོད།དམངས་འཚོའི་རེ་ཞུ་ཚང་མ་12345ཐད་སྦྲེལ་ཁ་པར་གྱི་བདག་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད།དེའི་ནང་གཙོ་བོ་གཤམ་གསལ་ཚུད་ཡོད་དེ།
(གཅིག་)མྱུར་སྐྱེལ་དང་ཐིམ་སྒྲིལ་བོར་བརླག་ཐེབས་པ་དང་།གཏོར་སྐྱོན་ཤོར་བ།འགོར་འགྱངས་བྱུང་བ།སྐྱེལ་ནོར་ཤོར་བ།སྐྱེལ་རྒྱུ་ལུས་པ།སྐྱེལ་རྒྱུ་དམིགས་སར་མ་འབྱོར་བ་སོགས་ཀྱི་ཞབས་ཞུའི་སྤུས་ཚད་ཀྱི་གནད་དོན་བཅས་གསལ་ཞུ་དང།
(གཉིས་)མྱུར་སྐྱེལ་དྲ་ཚིགས་དང་།མཇུག་སྣེའི་ས་ཚིགས།ཚབ་ལེན་ས་ཚིགས་བཅས་ཀྱིས་གྲོན་དངུལ་གང་བྱུང་བསྡུ་བ་དང་།ཐིམ་སྒྲིལ་བཙན་ཤེད་ཀྱིས་བཅོལ་བ།སྒོ་རྩར་ལེན་དུ་མི་ཡོང་བ།ཞབས་ཞུའི་རྣམ་འགྱུར་ཡག་པོ་མེད་པ་སོགས་སྒྲིག་འགལ་གྱི་གནད་དོན་གྱི་གཏུག་བཤེར།
(གསུམ་)ཞིང་ལས་ཁྱད་ལྡན་ཐོན་རྫས་སྐུར་སྐྱེལ་དང་།སྐུར་མི་ཆོག་པའི་དངོས་པོ།རང་མིང་ཐོག་ནས་དངོས་པོ་སྐུར་ལེན།ཐག་རིང་ལུང་ཁུག་གི་ཤང་གྲོང་རྡལ་གྱི་ཡིག་སྐྱེལ་འགན་ལེན་སོགས་ལས་སྒོའི་སྲིད་ཇུས་དང་འདྲི་རྩད།
(བཞི་)སྦྲག་སྲིད་ཀྱི་མྱུར་སྐྱེལ་ཁེ་ལས་དང་།དེ་བཞིན་ལས་གཉེར་མི་སྣས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པའི་འབྲེལ་ཡོད་གནད་དོན་ཐེར་འདོན།
(ལྔ)་གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་གྱི་མཇུག་སྣེའི་ཞབས་ཞུ་ལེགས་སུ་གཏོང་བ་དང་།འབྲོག་ཁུལ་གྱི་སྐུར་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་སྣ་ཚོགས་དང་།དེ་བཞིན་སྦྲག་སྲིད་ལས་སྒོ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གསལ་ཞུའི་རིགས་གཞན་དག་བཅས་ཚུད་ཡོད།
གསུམ། རེ་ཞུའི་ཐབས་ལམ།
རྒྱ་ཆེའི་གྲོང་མི་དང་ཁྲོམ་རའི་བྱེད་པོས་ཆུ་ཚོད་7X24ཡི(ལོ་ཧྲིལ་པོའི)རྒྱུན་རྣམ་ཅན་གྱི་ཐབས་ལམ་བརྒྱུད་དེ་སྦྲག་སྲིད་དང་འབྲེལ་བ་ཡོད་པའི་རེ་ཞུ་སྣ་ཚོགས་གསལ་ཞུ་བྱེད་ཆོག་སྟེ།
(གཅིག་)ཁ་པར་གྱི་ཐབས་ལམ།སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ཁ་པར་བརྒྱབ་ན།ལས་བྱེད་མི་སྣས་ཉིན་མཚན་དབྱེར་མེད་དུ་བདག་སྤྲོད་ཞབས་ཞུ་དང་ལེན་ཞུ་ཡི་ཡོད།
(གཉིས་)དྲ་ཐོག་གི་ཐབས་ལམ།སྦྲག་སྲིད་ལས་སྒོའི་རྒྱུ་མཚན་གསལ་ཞུའི་ཞབས་ཞུ་ལས་སྟེགས་བརྒྱུད་ཆོག།
(གསུམ་)དྲ་མིན་གྱི་ཐབས་ལམ།རིམ་ཁག་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་ཁ་པར་12345དང་།ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུད་ཀྱི་རྒྱུ་མཚན་གསལ་ཞུ་ལྟེ་གནས་ཀྱི་ཁ་པར་12305(ལས་རིགས་དོ་དམ་ཁོའོ་)བཅས་བརྒྱུད་ནས་རྒྱུ་མཚན་གསལ་ཞུ་བྱེད་ཆོག།
བཞི། རེ་ཞུ་སྒྲུབ་གཉེར་ལམ་སྲོལ།
སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345ཡི་ལས་སྟེགས་ནས་གཅིག་གྱུར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་དང་འབྲེལ་བའི་རེ་ཞུ་དང་ལེན་དང་།གཅིག་གྱུར་ཐོ་འགོད།གཅིག་གྱུར་ཞིབ་འཇུག་བརྡར་གཅོད།གཅིག་གྱུར་མངག་གཏོང་།གཅིག་གྱུར་སྒྲུབ་སྐུལ།གཅིག་གྱུར་འཚམས་ལན་སློག་པ་བཅས་ཀྱི་འགན་འཁུར་བཞིན་ཡོད།དབྱེ་འབྱེད་ངོས་འཛིན་བྱས་པའི་སྦྲག་སྲིད་མྱུར་སྐྱེལ་རིགས་ཀྱི་ལས་ཐོ་དེ་ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུད་ལ་སྒྲིག་སྲོལ་ལྟར་གཉེར་རྒྱུའི་མངག་གཏོང་གནད་སྨིན་བྱ་རྒྱུ་ཡིན།
ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུད་ཀྱིས་རྒྱུ་མཚན་གསལ་ཞུ་དང་ལེན་བྱས་མ་ཐག་བསྒྲུབ་རྒྱུ་དང་།དུས་བཀག་ནང་བསྒྲུབ་རྒྱུ།བཀག་སྡོམ་དོ་དམ།འབྱུང་རྩ་ནས་བཅོས་སྒྲིག་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་ནན་འཁྱོལ་བྱེད་དགོས་པ་དང་།ལས་ཐོ་ཞིབ་བཤེར་དང་།ཐག་གཅོད།ལན་སྤྲོད།དག་ཐེར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་བཏང་ནས།མང་ཚོགས་ཀྱི་སྐུར་སྐྱེལ་ཞབས་ཞུའི་དཀའ་གནད་དེ་ཁྲིམས་དང་སྒྲིག་སྲོལ་ལྟར་སེལ་རྒྱུ་དང་།འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་དང་།ལས་རིགས་ཀྱི་གཉེར་སྐྱོང་ཁོར་ཡུག་དེ་དྲང་གཞག་གོ་རིམ་ལྡན་པའི་ངང་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཐོགཞུ་དོན་ཚང་མར་ཨ་ལན་ཡོད་པ་དང་ཞུ་ཐོ་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
སྔར་ཡོད་ཀྱི་སྦྲག་སྲིད་རྒྱུ་མཚན་གསལ་ཞུའི་ཐད་སྦྲེལ་ཁ་པར་ནང་ལས་ཚར་མེད་པའི་ལས་ཐོ་དེ་ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུད་ཀྱིས་མུ་མཐུད་རྗེས་སྙེག་དང་ལས་ཚར་བར་བྱས་ཏེ།ཐད་སྦྲེལ་ཁ་པར་བསྡུ་སྒྲིལ་གྱི་བརྒྱུད་རིམ་དེ་བདེ་བླག་ངང་གཉེར་ཐུབ་པ་དང་།རེ་ཞུ་ཐག་གཅོད་འབྲེལ་མཐུད་ཡོང་བར་འགན་ལེན་བྱ་རྒྱུ་ཡིན།
ལྔ། མཛའ་བརྩེའི་དྲན་སྐུལ།
(གཅིག་)ཐེངས་འདིའི་ཐད་སྦྲེལ་ཁ་པར་དེ་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་དམངས་ཕན་ཅན་དུ་བསྒྱུར་ཆེད་བསྡུ་སྒྲིལ་བྱས་པ་ཡིན།བསྡུ་སྒྲིལ་བྱས་རྗེས་ཀྱི་རེ་ཞུ་ཐབས་ལམ་དེ་བས་གཅིག་གྱུར་དང་།བརྒྱུད་རིམ་དེ་བས་ཚད་ལྡན།སྒྲུབ་སྐུལ་དེ་བས་ནན་པོ་ཡིན་པ།མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་དེ་བས་སྟབས་བདེ་ཡིན་པ་བཅས་སུ་གཏོང་ཐུབ་ཀྱི་ཡོད།
(གཉིས་)རྒྱ་ཆེའི་མང་ཚོགས་ཀྱིས་དོན་དངོས་དང་མཐུན་པའི་སྒོ་ནས་གནད་དོན་གསལ་ཞུ་བྱ་རྒྱུ་དང་།ཚུལ་མཐུན་གྱི་སྒོ་ནས་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱ་རྒྱུ་ལས།རྒྱུ་མཚན་རྫུན་མ་གསལ་ཞུ་དང་།ངན་སེམས་བཅངས་ནས་རྒྱུ་མཚན་གསལ་ཞུ།འབྲས་མེད་བསྐྱར་ཞུའི་གསལ་ཞུ་སོགས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
(གསུམ་)ཕྱོགས་གཉིས་པོའི་ཚན་པས་ཐད་སྦྲེལ་ཁ་པར་བསྡུ་སྒྲིལ་བྱེད་པ་འདི་ཉིད་གོ་སྐབས་སུ་བྱས་ཏེ་མཉམ་འགུལ་མཉམ་ལས་དང་།ཆ་འཕྲིན་མཉམ་སྤྱོད།མཉམ་འབྲེལ་སྒྲུབ་སྐུལ་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་།གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ།འབྲོག་ཁུལ་དང་ཐག་རིང་རྫོང་དང་ཆུས་ཀྱི་མཇུག་སྣེའི་སྐུར་སྐྱེལ་ཞབས་ཞུའི་ཞན་ཆ་ཁ་གསབ་བཅས་བྱས་ཏེ།ནག་ཆུའི་སྦྲག་སྲིད་མྱུར་སྐྱེལ་གྱི་དམངས་འཚོའི་ཞབས་ཞུའི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཆེད་དོན་སྤྱི་བསྒྲགས།
ནག་ཆུ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུད།
ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུད།
2026ལོའི་ཟླ་6ཚེས་23ཉིན།





藏公网安备:54242102000109号